Sakya College

Sakya College Welcome to the official page of Sakya College.

The college was established in 1972 by His Holiness the 41st Sakya Trichen Rinpoche and the late Khenchen Appey Rinpoche in Mussoorie, Dehradun. Sakya College was founded on 19th Dec 1972 at Mussoorie (the old location) by Khenchen Appey Rinpoche under the auspices of HH the 41st Sakya Trizin Rinpoche.

ལོ་ངོ་མང་པོ་རིང་མཐོ་སློབ་འདིར་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བཞིན་པའི་བཀུར་འོས་སྦྱིན་བདག་སྐུ་ཞབས་ Stanley Teo དང་ལྕམ་སྐུ་ Tu...
26/05/2026

ལོ་ངོ་མང་པོ་རིང་མཐོ་སློབ་འདིར་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བཞིན་པའི་བཀུར་འོས་སྦྱིན་བདག་སྐུ་ཞབས་ Stanley Teo དང་ལྕམ་སྐུ་ Tuyet གཉིས་ཀྱིས་གདན་ཞུ་དང་མཐུན་རྐྱེན་འོག ཟླ་བ་འདིའི་ཚེས་ ༦ ནས་ ༢༡ བར་བདུན་ཕྲག་གཉིས་ཙམ་རིང་ས་སྐྱ་མཐོ་སློབ་ཀྱི་མཁན་རིན་པོ་ཆེ་འཇམ་དབྱངས་སྦྱིན་པ་མཆོག སློབ་དགེ་དཔལ་ལྡན་དོན་གྲུབ་དང་ངག་དབང་ཕུན་ཚོགས། ཕྱག་མཛོད་བཀྲིས་ཚེ་ཐར་བཅས་དབྱར་ཁའི་གུང་སེང་དང་སྟབས་བསྟུན་ཝཻཏྣམ་དུ་ཕེབས་ཏེ་བཤེས་སྤྲིངས་དང་དྲན་པ་ཉེར་བཞག་གི་ཆོས་ཁྲིད་དང་དྲི་བ་དྲི་ལན། དེ་བཞིན་མི་སྣ་ཐུགས་འཕྲད། ཞར་བྱུང་དུ་སྦྱིན་བདག་Stanley ལགས་ཀྱི་ཐུགས་འདོད་ལྟར་ལས་ཁུངས་རྣམས་སུ་ཞབས་རིམ། ལྕམ་Le Anh གྱིས་ཀྱང་གོ་སྒྲིག་འོག་ཁོང་དང་འབྲེལ་ཡོད་རྣམས་ཀྱི་ཆེད་ཞབས་རིམ་ཞུས་ཡོད།

གོ་སྐབས་འདིའི་རྒྱུད་ནས་དཔལ་ས་སྐྱ་མཐོ་སློབ་འདུས་སྤྱི་ནས་སྐུ་ཞབས་ Stanley བཟའ་ཚང་གཉིས་དང་ལས་རོགས་རྣམས། གཞན་ཡང་ལྕམ་ Le Anh དང་འབྲེལ་ཡོད་ཀུན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང། བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་འདུན་ཞུ།

At the gracious invitation and generous support of Mr. Stanley and Mrs. Tuyet, Venerable Khenrinpoche Jamyang Jinpa, Principal of Sakya College, accompanied by two teachers and a staff member, visited Vietnam this month. We extend our sincere appreciation to the hosts and all those involved for their warm and generous hospitality.

This vocational visit offered a meaningful opportunity to travel across Vietnam, appreciate its cultural and historical heritage, and engage with its people, whose dedication, humility, and strong faith in Buddhism left a lasting impression.

The delegation visited the Translation Hub of the Vietnamese Buddhist Association in Hanoi and Vietnam Buddhist University in Ho Chi Minh City, where both meetings were constructive and fruitful.

During the visit, Khenrinpoche Jamyang Jinpa delivered teachings on the “Four Mindfulnesses” to members of Microtec and One Pay, and presented a summary of Nāgārjuna’s Letter to a Friend to a group associated with Mrs. Li An. Informal evening Q&A sessions with Dharma practitioners were also held, with translation provided by Venerable Palden Dhondup.

We conclude by expressing our heartfelt gratitude to all who contributed to the success of this visit, particularly Mr. Stanley, Mrs. Tuyet, and Mrs. Li Anh. May this merit be a cause of buddhahood for all beings.

དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭའི་སྒྲིག་འཛུགས་ལྷན་ཚོགས་ནས་གཏན་འབེབས་གནང་བའི་ཕྱི་ལོ་ ༢༠༢༦ ནས་ ༢༠༢༧ བར་གྱི་སློབ་ཚན་དང་། སྒྲིག...
01/05/2026

དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭའི་སྒྲིག་འཛུགས་ལྷན་ཚོགས་ནས་གཏན་འབེབས་གནང་བའི་ཕྱི་ལོ་ ༢༠༢༦ ནས་ ༢༠༢༧ བར་གྱི་སློབ་ཚན་དང་། སྒྲིག་འཛུགས་ལྷན་ཚོགས་ནས་འོས་འདེམས་གནང་བའི་སྐྱོར་དཔོན་གསར་པ་རྣམ་གཉིས་ཀྱི་མཚན་ཐོ།

མདང་ནུབ་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭའི་མཁན་ཆེན་མཁྱེན་རབ་བཟང་པོ་མཆོག་དང་། སློབ་སྤྱི་མཁན་རིན་པོ་ཆེ་འཇམ་དབྱངས་སྦྱིན་པ་རྣམ་ག...
01/05/2026

མདང་ནུབ་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭའི་མཁན་ཆེན་མཁྱེན་རབ་བཟང་པོ་མཆོག་དང་། སློབ་སྤྱི་མཁན་རིན་པོ་ཆེ་འཇམ་དབྱངས་སྦྱིན་པ་རྣམ་གཉིས་དབུ་བཞུགས་ཐོག འདི་གའི་མཁན་སློབ་འདུས་སྡེ་ཡོངས་མཉམ་དུ་འཛོམས་ཀྱིས། སློབ་སྤྱི་མཁན་རིན་པོ་ཆེ་མཆོག་དང་། ཕྱག་མཛོད། སློབ་གཉེར་ལྷན་ཚོགས་སོགས་ལས་སྣེ་རྣམས་ནས་ཕྱི་ལོ་ ༢༠༢༥ ནས་ ༢༠༢༦ བར་གྱི་ལོ་གཅིག་རིང་གི་བྱུང་སོང་གི་རྩིས་ཁྲ་སྒྲོག་སྦྱངས་དང་། ཡིག་རྒྱུགས། རྩ་བ་བློ་རྒྱུགས་རྩེ་སོན་པ་རྣམས་ལ་བྱ་དགའ་གསོལ་རས་དང་། ལས་སྣེ་རྣམས་ལ་སྟོང་མིན་གསོལ་རས་ཀྱི་དོད་དང་། སློབ་ཕྲུག་རྣམས་ལ་ལམ་འགྲོའི་དོད་བཅས་གནང་ཞིང་། མཇུག་མཐར་མཁན་རིན་པོ་ཆེ་འཇམ་དབྱངས་སྦྱིན་པ་མཆོག་ནས་གུང་གསེང་འགྲོ་ཕྱོགས་སོགས་ཀྱི་ཐད་བཀའ་སློབ་ལམ་སྟོན་ཟབ་རྒྱས་སྩལ་གནང་སོང་།
Some photos from the last night's prize distribution, monetary rewards, financial statements from the principal, treasurer, and Students' Welfare Committee for the academic year 2025-2026, and a word of advice from the principal Khen Rinpoche Jamyang Jinpa.

དེ་རིང་དང་སང་ཉིན་ཏེ། ཕྱི་ཚེས་ ༢༧ དང་ ༢༨ ཉིན་གཉིས་ཀྱི་རིང་། དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭའི་ཕྱི་ལོ་ ༢༠༢༥ ནས་ ༢༠༢༦ བར་གྱི་ལ...
27/04/2026

དེ་རིང་དང་སང་ཉིན་ཏེ། ཕྱི་ཚེས་ ༢༧ དང་ ༢༨ ཉིན་གཉིས་ཀྱི་རིང་། དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭའི་ཕྱི་ལོ་ ༢༠༢༥ ནས་ ༢༠༢༦ བར་གྱི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་གཏོང་བཞིན་པ།
Here are some photos from the annual examination of the 2025-2026 academic year today, the 27th of April 2026. The two-day examination will conclude tomorrow.

27/04/2026

༄༅།།དེ་རིང་ཕྱི་ཚེས་ ༢༧ ཉིན། དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭའི་ཕྱི་ལོ་ ༢༠༢༥ ནས་ ༢༠༢༦ བར་གྱི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་གཏོང་བཞིན་པ། Today, on the April 27th, the Sakya College is conducting its Grand Annual Examination for the academic year 2025–2026.

དེ་རིང་བོད་ཟླ་གསུམ་པའི་ཚེས་དགུ་དང་། ཕྱི་ཚེས་༢༥ ཉིན། འདི་ག་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭའི་སྒོ་རུམ་དཔེ་མཛོད་ཁང་དུ། ངོར་ཆེན...
25/04/2026

དེ་རིང་བོད་ཟླ་གསུམ་པའི་ཚེས་དགུ་དང་། ཕྱི་ཚེས་༢༥ ཉིན། འདི་ག་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭའི་སྒོ་རུམ་དཔེ་མཛོད་ཁང་དུ། ངོར་ཆེན་རྒྱལ་བའི་རྒྱལ་ཚབ། གནས་བརྟན་འདུལ་བ་འཛིན་པ་ཆེན་པོ། ༧སྐྱབས་མཆོག་ངོར་ཐར་རྩེ་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭའི་མཁན་ཆེན་མཁྱེན་རབ་བཟང་པོ་མཆོག་དང་། གོང་དཀར་ཆོས་སྡེའི་མཁན་རིན་པོ་ཆེ་བྱམས་པ་ཟླ་བ་མཆོག མ་དགོན་བཤད་གྲྭའི་མཁན་རིན་པོ་ཆེ་འཇམ་དབྱངས་བསམ་འཕེལ་མཆོག གསང་ཆེན་རྒྱུད་གྲྭའི་མཁན་རིན་པོ་ཆེ་སྐལ་བཟང་མགོན་པོ་མཆོག་བཅས་མཁས་དབང་གཟུ་དཔང་རྣམ་པ་བཞི་དང་། མཁན་རིན་པོ་ཆེ་འཇམ་དབྱངས་སྦྱིན་པ་མཆོག་དང་། གཞན་ཡང་ཕྱོགས་མཐའ་ཁག་ནས་ཕེབས་པའི་མཁན་པོ་དགེ་བཤེས་རྣམ་པ་དང་། གཉུག་མར་གནས་པའི་མཁན་སློབ་འདུས་པ་རྒྱ་མཚོའི་ཚོགས་ཀྱི་དཀྱིལ་འཁོར་དུ། དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭའི་སློབ་གཉེར་བ་དཔལ་ལྡན་དོན་གྲུབ་དང་། འཇམ་དབྱངས་རྡོ་རྗེ་རྣམ་གཉིས་ནས་མདོ་སྔགས་རབ་འབྱམས་པ་སྐབས་དང་པོའི་ལོ་རིམ་གསུམ་པའི་དཔྱད་གླེང་རྒྱུགས་སྤྲོད་གནང་སོང་།
Today, the 25th of April 2026, venerable Palden Dhondup and venerable Jamyang Dorji presented their thesis paper during the Annual Dissertation Examination of the Third-year Sutra-Tantra Doctorate students, held at Gorum Library in Sakya College.

The examination was presided over by His Eminence Thartse Khen Rinpoche with a panel of four distinguished judges: Khenchen Khenrab Sangpo of Sakya College, Khen Rinpoche Jampa Dawa of Gongkar Choede, Khen Rinpoche Jamyang Samphel of Sakya Magon Shedra, and Khen Rinpoche Kalsang Gonpo of Sakya Vajrayana Institute.

Also present were Khen Rinpoche Jamyang Jinpa, visiting Khenpos and Geshes, Khenpos, teachers, and students of the college.

24/04/2026
དེ་རིང་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭའི་སྒྲིག་འཛུགས་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༢༦ ནས་༢༠༢༧ བར་གྱི་སློབ་ཚན་གཏན་འབེབས་དང་སྐྱོར་དཔ...
16/04/2026

དེ་རིང་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭའི་སྒྲིག་འཛུགས་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༢༦ ནས་༢༠༢༧ བར་གྱི་སློབ་ཚན་གཏན་འབེབས་དང་སྐྱོར་དཔོན་གསར་པ་འོས་འདེམས་གནང་ཞིང་། མཁན་སློབ་འདུས་པ་ཡོངས་ནས་སློབ་ལོ་རྗེས་མའི་དགེ་བསྐོས་དང་། སློབ་གཉེར་ལྷན་ཚོགས། ཁོར་ཡུག་ལྷན་ཚོགས། དྲིལ་བརྡ་བ་བཅས་མང་མོས་འོས་འདེམས་ཀྱི་ལམ་ནས་བསྐོ་གཞག་གནང་སོང་།
Today, the 16th of April 2026, the Administrative Committee of Sakya College finalized the syllabus for the academic year 2026–2027 and appointed two new assistant teachers. The assembly of khenpos, teachers, and students also democratically elected the new academic year's disciplinarian, members for the Welfare Committee and Environment Committee, and a bell-ringer.

ཁ་སང་ཕྱི་ཚེས་ ༡༢ ཉིན་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭའི་ཕྱི་ལོ་ ༢༠༢༥ ནས་ ༢༠༢༦ བར་གྱི་སློབ་ཁྲིད་རྣམས་མཇུག་ལེགས་པར་གྲུབ་སྟེ། ད...
13/04/2026

ཁ་སང་ཕྱི་ཚེས་ ༡༢ ཉིན་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭའི་ཕྱི་ལོ་ ༢༠༢༥ ནས་ ༢༠༢༦ བར་གྱི་སློབ་ཁྲིད་རྣམས་མཇུག་ལེགས་པར་གྲུབ་སྟེ། དེ་རིང་ནས་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་སྟ་གོན་དུ་རྩ་བ་བློ་རྒྱུགས་ལེན་བཞིན་པ།
Yesterday, on the 12th of April 2026, the syllabuses for the academic year 2025-2026 at Sakya College were successfully completed. Today, the students underwent the root-text memorization exam in preparation for the upcoming annual examinations.

དེ་རིང་མཁན་པོ་ཀརྨ་ཉི་མ་དབུ་བཞུགས་ཐོག་དགེ་སློབ་ལྷན་འཛོམས་ཀྱི། ལོ་རིམ་དང་པོའི་སྤྱོད་འཇུག་འཛིན་གྲྭའི་སློབ་མ་རྣམ་པས་སྤྱོད་འཇ...
07/04/2026

དེ་རིང་མཁན་པོ་ཀརྨ་ཉི་མ་དབུ་བཞུགས་ཐོག་དགེ་སློབ་ལྷན་འཛོམས་ཀྱི། ལོ་རིམ་དང་པོའི་སྤྱོད་འཇུག་འཛིན་གྲྭའི་སློབ་མ་རྣམ་པས་སྤྱོད་འཇུག་གི་བརྗོད་གཞི་དང་འབྲེལ་བའི་སྐབས་བདུན་པའི་འབེལ་གཏམ་དང་བསྐྱུར་ལེན་རིམ་བཞིན་གནང་བའི་སྣང་བརྙན་ཁག་ཅིག །
Some visuals from the seventh Discourse Exchange and Inoculation presented by the first-year Bodhicaryavatara students this evening, the 7th of April 2026. The event was chaired by Khenpo Karma Nyima and attended by khenpos, teachers, and students.

Address

Mussoorie Road, Near Shiv Mandir
Dehra Dun
248009

Opening Hours

Monday 10am - 5pm
Tuesday 10am - 5pm
Wednesday 10am - 12pm
Friday 10am - 5pm
Saturday 10am - 5pm
Sunday 10am - 5pm

Telephone

+918126391959

Alerts

Be the first to know and let us send you an email when Sakya College posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The University

Send a message to Sakya College:

Share